མགོ་ཤོག > མི་སྣ།

ཀླུ་འབུམ་རྒྱལ།

41     

མིང་གཞན། 李本加

ཞིབ་འཇུག་ཁྱབ་ཁོངས།ལྷུག་རྩོམ་སོགས།

ལས་ཁུངས།མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།

ངོ་སྤྲོད་བསྡུས་པ།ཀླུ་འབུམ་རྒྱལ། 1972ལོར་མདོ་སྨད་ཡ་རྫི་ནས་སྐྱེས། 1996ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། སྔ་གཞུག་ཏུ་བོད་ཀྱི་སྙན་དེབ«གངས་རྒྱན་མེ་ཏོག»དུས་དེབ་ཀྱི་གཙོ་སྒྲིག་པའི་འགན་བཞེས་མྱོང་། སྔ་གཞུག་ཏུ«ནུབ་བྱང་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ»དང«མཚོ་སྔོན་སློབ་ཆེན་རིག་གཞུང་དུས་དེབ»«སྦྲང་ཆར»«བོད་ཀྱི་རྩོམ་རིག་སྒྱུ་རྩལ»«གངས་ལྗོངས་རིག་གནས»«ཟླ་ཟེར»«མཚོ་སྔོན་བོད་ཡིག་ཚགས་པར»«མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར»སོགས་བོད་ཀྱི་དུས་དེབ་དང་ཚགས་པར་སྟེང་དཔྱད་རྩོམ་དང་བརྩམས་སྒྲུང་། ལྷུག་རྩོམ། བསྒྱུར་རྩོམ་སོགས་བརྩམས་ཆོས་བདུན་བཅུ་ལྷག་སྤེལ་བ་དང་། 2009ལོར་ལྷུག་རྩོམ་དེབ«སེམས་ཀྱི་རང་སྒྲ»ཞེས་པ་པར་བསྐྲུན་འགྲེམས་སྤེལ་བྱས་པ་དང་། 2014ལོར་སྒྲིག་རྩོམ་བྱས་པའི«བོད་ཀྱི་ལྷ་མོ་འཁྲབ་གཞུང་ངོ་སྤྲོད་མདོར་བསྡུས»ཞེས་པ་པར་བསྐྲུན་འགྲེམས་སྤེལ་བྱས། 2018ལོར་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ«འཚོལ་སྙེག་དང་བསམ་གཞིག»ཅེས་པ་པར་བསྐྲུན་འགྲེམས་སྤེལ་བྱས། དེ་དང་མཉམ་དུ། «སློབ་རའི་དཔྱད་རྩོམ་ཕྱོགས་བསྒྲིགས»«སེམས་ཀྱི་བཞུར་རྒྱུན»«དུས་རབས་གསར་པའི་རིག་གཞུང་གླེང་སྟེགས»«བྱང་ཐང་གི་ལོ་མ»«གངས་རྒྱན་མེ་ཏོག་སྤེལ་ནས་ལོ་འཁོར་ཉེར་ལྔ་ལོན་པའི་དཔེ་ཚོགས»(པོད་བརྒྱད)«མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས»(པོད་བརྒྱད)«བོད་ཀྱི་དེང་རབས་སྙན་ངག་གི་ཕྲན་དཔྱད»(སྟོད་སྨད་གཉིས)«བོད་ཀྱི་དེང་རབས་སྙན་ངག་རིང་མོ་ཕྱོགས་བསྒྲིགས»«དེང་རབས་བོད་ཀྱི་སྐྱེས་མའི་སྙན་ངག་ཕྱོགས་བསྒྲིགས»«མཚོ་ནུབ་ཁུལ་གྱི་ས་མིང་རིག་གནས་དོན་འགྲེལ»«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»(མཚོ་ནུབ་གླེགས་བམ)བཅས་རྩོམ་རིག་སོགས་ཀྱི་དཔེ་དེབ་ཉི་ཤུ་ལྷག་གཙོ་སྒྲིག་བྱས། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་སུ་ལོ་ཙཱ་བྱ་བ་གཉེར་མུས་སུ་མཆིས།

 - 2026.03.24
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号